༊།། བྷ་ག་ཝད་གཱིཏཱ་བཅོས་མ།།
སྐྱབས་འཛིན་དམ་པ་ཨེ་སི་བྷཀྟི་་ཝེ་དནྟ་སྭཱམཱི་པཱྲབྷུ་པ་ད
མཆོག་ བྷ་ག་ཝད་གཱིཏཱ་ གི་ཨིང་སྐད་ཐོག་སྐད་སྒྱུར་དང་ གསལ་བཤད་
གནང་ནི་གི་ཁྱད་ཆོས་མཐུན་མོང་མིན་པ་དང་ལྡན་ཏེ་ཡོདཔ་ཨིན།
ཁོ་རང་རིག་བྱེད་གཞུང་གི་མཁས་མཆོག་རྙིང་ཤོས་དང་ སློབ་ སྟོན་པ་གཙོ་བོ་ཅིང་ཨིནམ་མ་ཚད་
ད་ལྟོ་ཡང་ ལྷ་ཆེན་ཀྲྀཤྣ་ཁོ་རང་ལས་རྒྱུན་མ་ཉམས་པར་ ཉམས་རྟོགས་ཤར་བའི་སྐྱེས་ཆེན་ དམ་པ་ཚུ་གི་བརྒྱུད་པ་འཆང་མི་དང་
དེ་གི་སྐུ་ཚབ་ཡང་ཨིན། དེ་འབདཝ་ལས་ གཱིཏཱ་གི་འགྲེལ་པ་གཞན་བཟུམ་མིན་པ་ གཱིཏཱ་ འ་ནི་འདི་
བཅོས་མ་མ་ཡིན་པ་ཨིནམ་ལས་ རྟོག་བཟོ་གི་ལྷད་དང་
རང་སོའི་བསམ་ཚུལ་གྱི་དྲི་མ་གིས་ཨ་ཙི་ཅིག་ཡང་མ་གོས་ པར་ཡོདཔ་ཨིན།
འགྲེལ་པ་འདི་གི་ དུས་མཐུན་སྔར་གྱི་གདམ་ངག་གིས་
ཉམས་དང་རྟོགས་པ་ཤར་ནི་ལུ་ཐེ་ཚོམ་རྩ་ལས་ མེདཔ་ཨིན། ད་ལྟོ་ཚུན་འ་ནི་རྩོམ་གཞུང་ འདི་སྐད་རིགས་༨༠ ལྷག་ཙམ་གྱི་ཐོག་ལུ་སྐད་སྒྱུར་བརྐྱབ་སྟེ་ཡོདཔ་ཨིན།
འ་ནི་བྷ་ག་ཝད་གཱིཏཱ་ བཅོས་མ་མ་ཡིན་པ་ འདི་གིས་
འབྲུག་རྒྱལཔོ་མཆོག་གི་དགོངས་བཞེད་བླ་ན་མེད་པ་ གོང་འཕེལ་གྱི་ལྟ་བ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འདི་
མི་སེར་དང་ གཞུང་གིས་ལག་ལེན་འཐབ་ནི་གི་འབད་བརྩོན་བསྐྱེད་མི་ལུ་ཕན་ ཐོགས་སྦོམ་འབྱུང་འོངམ་ཨིན།། །།
Comments
Post a Comment
Leave your comments here